ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་བོད་མཚོའི་བཟོ་ལས་གླིང་ཁུལ་དང་གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའུ་རུ་བརྟག་ཞིབ་གནང་བ།

སྤེལ་དུས 2019-09-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཟླ་9ཚེས་18ཉིན་དང་ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྣེ་ཁྲིད་གནང་བའི་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་མཚོའི་བཟོ་ལས་གླིང་ཁུལ་དང་། གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་དོན་གཅོད་ཁྲུའུ། གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའུ་ཡི་སློབ་འབྲིང་སོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའུ་ཡི་སློབ་འབྲིང་དུ་རྒྱ་ཆེའི་དགེ་སློབ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ། 
             ཟླ་9ཚེས་18ཉིན་དང་ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྣེ་ཁྲིད་གནང་བའི་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་མཚོའི་བཟོ་ལས་གླིང་ཁུལ་དང་། གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་དོན་གཅོད་ཁྲུའུ། གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའུ་ཡི་སློབ་འབྲིང་སོགས་སུ་བརྟག་ཞིབ་གནང་བ་དང་འབྲེལ་གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའུ་ཡི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། 
             ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། 
             བོད་མཚོའི་བཟོ་ལས་གླིང་ཁུལ་དེ་གོར་མོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་17ཡོད་པའི་སར་གནས་པ་དང་དེ་སྔའི་གྲམ་ཐང་དེར་ད་ཆ་གཞུང་ལམ་ཤར་གཏོང་དང་བཟོ་གྲྭ་སྐར་ཚོགས་ལྟར་ཡོད་ལ་མདོག་ལྡན་ལྕགས་རིགས་ལས་སྣོན་དང་། ཚོང་དོན་ཟོག་འགྲེམས། སྨན་རྫས་དང་ཨར་སྐྲུན་རྒྱུ་ཆ་སོགས་ཐོན་ལས་ཀྱིས་མཚོན་པའི་དེང་རབས་ཅན་གྱི་བཟོ་ལས་གླིང་ཁུལ་གྱི་གཞི་ཁྱོན་རགས་ཙམ་ཆགས་ཤིང་། མིག་སྔར་གླིང་ཁུལ་དུ་ཐོ་བཀོད་བྱས་པའི་ཁེ་ལས་205ཡོད་པ་དང་འདི་ལོ་ཁྲལ་འབབ་སྒོར་དུང་ཕྱུར་10འཇལ་ཐུབ་རེ་ཡོད་པ་རེད། 
             ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཁེ་ལས་དོ་དམ་གཉེར་སྐྱོང་པ་དང་ལས་བཟོ་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་འབྲེལ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཁར། འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་ཁེ་ལས་ལ་འཕྲད་པའི་དཀའ་ངལ་སྐོར་བཀའ་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་བོད་མཚོའི་བཟོ་ལས་གླིང་ཁུལ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་ཐོག་གཏན་ལ་འཁེལ་བའི་གཙོ་གནད་རྣམ་གྲངས་དང་བོད་དང་མཚོ་སྔོན་ཞིང་ལྗོངས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་སྟེགས་བུ་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གླིང་ཁུལ་གྱི་དོ་དམ་གསར་གཏོད་དང་། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་ལྷག་པའི་གནད་དོན་སྔར་བས་གཙང་སེལ། རང་འགུལ་ངང་སྒྲུབ་པ་དང་གཞོགས་འདེགས་དམ་ཟབ། མཉམ་དུ་གླིང་ཁུལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ་ཁེ་ལས་འདྲེན་ཐུབ་པ་དང་། གནས་ཐུབ་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། 
             ཅུན་ལུའུ་སྤྱི་གླིང་དུ་མཚོ་བོད་གཞུང་ལམ་གྱི་སྣེ་ཁྲིད་པ་དམག་དཔོན་མོ་ཧྲེང་ཀྲུང་གི་བྱས་རྗེས་ནང་དོན་གཙོ་བོར་བྱས་ཏེ་མཚོ་བོད་གཞུང་ལམ་དང་། མཚོ་བོད་ལྕགས་ལམ། དམག་དཔུང་གིས་ཞིང་སྦོལ། གོར་མོ་འཛུགས་སྐྲུན་བཅས་ཀྱི་འཕེལ་རྒྱས་ལོ་རྒྱུས་མངོན་པར་བྱས་ཡོད། ཝུའུ་དབྱིང་ཅེས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། གསར་བརྗེའི་སྙིང་སྟོབས་དར་སྤེལ། དངོས་སྒྲུབ་དཀའ་སྒྲུབ་བཅས་ཀྱི་སྒོ་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་བསྣན་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་ལུགས་མངོན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
             གོར་མོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ནི་རང་ལྗོངས་ཀྱི་ལྗོངས་ཕྱིར་ཡོད་པའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྟེན་གཞི་ཆེ་ཤོས་ཡིན་ཞིང་། ལོ་ངོ་60ལྷག་ཙམ་རིང་བོད་ཞི་བས་བཅིངས་འགྲོལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་གོར་མོ་དོན་གཅོད་ཁྲུའུ་རུ་ཕེབས་ནས་འབྲེལ་ཡོད་སྲིད་འཛིན་དང་བྱ་གཞག་ཚན་པར་བརྟག་ཞིབ་གནང་བ་རེད། གོར་མོ་དོན་གཅོད་ཁྲུའུ་སློབ་འབྲིང་དུ་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་སློབ་མའི་ཉལ་ཁང་དང་། ཟ་ཁང་། སློབ་ཁང་། ཚོད་ལྟ་ཁང་བཅས་སུ་ཕེབས་ཏེ་སློབ་ཁྲིད་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་ལ་གཟིགས་ཞིང་། ད་ཕན་ལོ་ཤས་རིང་སློབ་གྲྭ་དེའི་མཐོ་རྒྱུགས་ལོན་ཚད་98%ཡན་རྒྱུན་འཁྱོངས་བྱུང་བ་མཁྱེན་སྐབས་ཝུའུ་དབྱིང་ཅེས་གདེང་འཇོག་གང་ལེགས་གནང་བ་རེད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་སློབ་གྲྭའི་དགེ་རྒན་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྒྲོན་པ་དང་འབྲེལ་ཁོ་ཚོས་དཀའ་སྤྱད་འབད་བརྩོན་ངང་སློབ་གྲྭའི་ལས་དོན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་པ་དང་། སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཚོས་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་རྒྱ་ཁྱབ་སྤེལ་ནས། ཕྲུ་གུ་ཚོས་ཆུང་དུས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ཏེ། སློབ་མ་ཚང་མ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་མཁན་གྱི་ལག་ལེན་པར་འགྱུར་བ་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད། གོར་མོ་དོན་གཅོད་ཁྲུའི་སྨན་ཁང་དུ་ཝུའུ་དབྱིང་ཅེས་སྨན་ཁང་གི་དོ་དམ་གསར་གཏོད་དང་། ཆ་འཕྲིན་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ནད་པར་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གོར་མོ་དོན་གཅོད་ཁྲུའུ་རུ་ཝུའུ་དབྱིང་ཅེས་ཞབས་ཞུ་དོ་དམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྩ་འཛུགས་འབྲེལ་བ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་གསེད་བཀྲོལ་བྱས་ཏེ་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་དང་འབྲེལ་ཡོད་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། 
             བོད་ལྗོངས་ཐེན་ཧའེ་ཚོགས་པའི་གོར་མོ་ཡན་ལག་ཀུང་སི་ནི་དེ་སྔོན་གོར་མོར་བཅའ་སྡོད་བོད་ལྗོངས་འགྲིམ་འགྲུལ་བཟོ་ལས་སྤྱི་ཁྱབ་ཀུང་སི་ཞེས་པ་དེ་ཡིན་པ་དང་། རྒན་ཡོལ་ཞུས་པའི་ལས་བཟོ་དཀའ་ངལ་ཡོད་མཁན་མང་པོ་ཡོད། ཀུང་སིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། 2017ལོར་དུད་ཚང་296གི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་བྱས་པ་དང་ཆབས་ཅིག་དྲོ་སྐྱིད་ཟ་ཁང་གསར་བསྐྲུན་བྱས་ཏེ་ཚེ་ལས་འདས་པའི་ཀུང་སིའི་ལས་བཟོའི་བཟའ་ཟླར་རིན་མི་དགོས་པར་ཉིན་རེར་ལྟོ་དུས་གསུམ་སྟེར་ནས་དཀའ་ངལ་ཡོད་པའི་ལས་བཟོར་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་ཡོད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་དཀའ་ངལ་ཡོད་པའི་ལས་བཟོ་དང་ཚེ་ལས་འདས་པའི་ལས་བཟོའི་བཟའ་ཟླའི་ཁྲོད་ཕེབས་ནས་ཁོ་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད། ཁོ་ཚོའི་འཚོ་བའི་དཀའ་ངལ་ནན་ཏན་ངང་གསན་པ་རེད། ཝུའུ་དབྱིང་ཅེས་འབྲེལ་ཡོད་འགན་འཁུར་བར། རྒན་རྒོན་ཚོའི་འཚོ་བར་ལྟ་རྟོག་ཡག་པོ་དང་ཁོ་ཚོའི་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ནས་རྒན་རྒོན་ཚོ་བདེ་ཐང་ངང་ཚེ་མཇུག་སྐྱིད་པོ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། 
             ཚེས་19ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་གོར་མོར་ཚོགས་འདུ་འཚོགས་ནས་མཚོ་སྔོན་དུ་སློབ་སྦྱོང་བྱས་པའི་གྲུབ་འབྲས་དང་མྱོང་ཚོར་ཕྱོགས་སྡོམ་གནང་བ་དང་འབྲེལ་ལྷག་པའི་གནད་དོན་གསེད་བཀྲོལ་ཡང་གནང་ཞིང་། ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོས་སློབ་སྦྱོང་རྟོག་ཞིབ་ཀྱི་མྱོང་ཚོར་གླེང་བ་དང་ཆེ་དགྲ་ལྷས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད། འཐུས་མི་ཚོགས་པའི་ཁོངས་མིའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་སློབ་སྦྱོང་རྟོག་ཞིབ་ནང་། ང་ཚོས་བོད་དང་མཚོ་སྔོན་ཞིང་ཆེན་ཀྱི་ཐོན་ལས་འཕེལ་རྒྱས་སོགས་ཐད་ལྷག་པའི་ཧེ་བག་དང་མི་འདང་ས་གསལ་པོ་མཐོང་ཡོད། ང་ཚོས་སྙིང་རུས་ཆེན་པོས་བསམ་བློ་གཏོང་བ་དང་། ཡིད་ཆེས་བརྟན་པོ། དོན་དངོས་ལ་གཞི་ཚུགས་པ། ངེས་གནས་འཚོལ་བ། མཚོ་སྔོན་ཞིང་ཆེན་གྱི་རྩ་ཆེའི་ཉམས་མྱོང་ལ་མིག་དཔེ་ལྟ་བ་དང་བསྡུ་ལེན་བཅས་བྱས་ཏེ་བསམ་བློར་རྒྱུན་ཆད་མེད་པར་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་སྒྱུར་བ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། དམངས་འཚོའི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བ་མུ་མཐུད་ལེགས་སུ་འགྲོ་རྒྱུ་འགན་ལེན་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ་དང་། བོད་ཀྱི་ས་ཁུལ་ཁག་གི་ཁུལ་གནས་ཀྱི་ཆ་རྐྱེན་དང་། གནམ་གཤིས་ཀྱི་ཁྱད་ཆོས། ཐུན་ཁུངས་ཀྱི་ལེགས་ཆ་བཅས་མི་འདྲ་བར་གཞིགས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་གསར་སྤེལ་ལག་བསྟར་ཤུགས་ཆེན་བྱེད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་བ། བོད་ཀྱི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ། མང་ཚོགས་དེ་བས་མང་པོ་ཐག་ཉེ་ས་དང་སྟབས་བདེ་སའི་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་བཅས་བྱས་ཏེ། མང་ཚོགས་ལ་འབབ་འཕར་ཡོང་རྒྱུའི་སྣེ་ཁྲིད་བྱེད་དགོས་པ། བརྩེ་སེམས་ཟབ་མོས་ཞབས་ཞུ་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། ཉེ་གཙང་གི་འབྲེལ་བ་བཙུགས་པ། ལས་ཀ་དང་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་པ། མི་སེམས་གཅིག་སྒྲིལ། སྙིང་སྟོབས་ཆེར་སྐྱེད་བཅས་ཀྱི་སྒོ་ནས་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ། མཉམ་ལས་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་ལས་དོན་ཡག་པོ་བསྒྲུབས་ནས་འབྲེལ་ཡོད་ཐོན་ལས་དང་ཁེ་ལས་མཉམ་ལས་ཁྲོད་ཕྱོགས་གཉིས་ཀར་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཕུགས་ལ་དམིགས་པ་དང་མིག་སྔར་གཞི་ཚུཌ་ཏེ་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིཌ་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ་དང་བྱ་བ་བཟང་པོ་དང་སྒྲུབ་ཐུབ་པའི་བྱ་བ་དངོས་འཛིན་དངོས་སྒྲུབ་ཀྱིས་བསྒྲུབ་པ་དང་། སྒྲུབ་བསམ་པ་དང་བསྒྲུབ་རྒྱུའི་བྱ་བར་ཕུགས་ཀྱི་འཆར་གཞི་འདིང་བ། སྒྲུབ་དཀའ་བའི་བྱ་བ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ཏེ། སྒྱུར་བཅོས་ཀྱི་བློ་སྟོབས་དང་། སྒོ་དབྱེའི་བསམ་གཞིག གསར་གཏོད་ཀྱི་འདུ་ཤེས་བཅས་ཀྱི་སྒོ་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།